Download as docx, pdf, or txt
Download as docx, pdf, or txt
You are on page 1of 3

མར་མེའི་ཕན་ཡོན།

མར་མེ་འབུལ་བ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད། གསང་སྔགས་ཀྱི་སྐབས་སུ་ཨརཾ་ྒྷ པདྱཾ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤབྡ་ཞེས་པའི་ཨ་ལོ་ཀེ་འདི་མར་མེ་རེད། མར་མེའི་གནད་


འགག་ཤེས་དགོས། དེ་མིན་མར་ཁུ་བླུག་ནས་མེ་སྤར་བ་ཡ་ཀི་སངས་རྒྱས་ཆོས་དགེ་འདུན་གསུམ་ལ་འབུལ་དགོས་བསམ་མཁན་ཡང་ཡོད་པ་རེད། དེ་འདྲ་རང་མ་རེད།

འོ་ན་མར་མེ་འབུལ་དགོས་པའི་དོན་དག་ངོ་མ་དེ་གང་རེད་ཟེར་ན། སྔོན་གྱི་སངས་རྒྱས་ཐམས་ཅད་གང་འདྲ་བྱས་ནས་སངས་རྒྱས་པ་དང་། ང་རང་ཚོ་སེམས་ཅན་ཐམས་ཅད་གང་བྱས་


ནས་སངས་མ་རྒྱས་པར་འཁོར་བ་ལ་འཁྱམས་པ་རེད། དེའི་རྒྱུ་མཚན་ཤེས་དགོས། དེའི་རྒྱུ་མཚན་ནི་ང་རང་ཚོའི་རྒྱུད་ལ་མ་རིག་པ་ཟེར་བ་ཞིག་ཡོད་པ་རེད། མ་རིག་པ་ཟེར་ན་མ་ཤེས་པ།
གང་མ་ཤེས་པ་རེད་ཟེར་ན། དོན་ངོ་མ་དེ་མ་ཤེས་པ་རེད། དོན་ངོ་མ་ཟེར་བ་དེ་རང་གི་སེམས་ཀྱི་གནས་ལུགས་ཡང་དག་པ་མཐོང་བ་དེ་རེད། ཡིན་ནའང་ང་རང་ཚོས་དེ་མཐོང་མ་ཐུབ་པ་
རེད། གང་འདྲ་བྱས་ནས་མཐོང་མ་ཐུབ་པ་རེད་ཟེར་ན། བག་ཆགས་ཀྱི་དབང་གིས་འདོད་ཆགས། ཞེ་སྡང་། ཕྲག་དོག ང་རྒྱལ་ལ་སོགས་པའི་རྣམ་རྟོག་བཀྲ་མི་ཤིས་པ་དེ་ཚོ་ལ་བརྟེན་ནས་
རང་གི་སེམས་ཀྱི་ངོ་བོ་མཐོང་མ་ཐུབ་པ་རེད། སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་ནི་ཞེ་སྡང་། ཁོང་ཁྲོ། ང་རྒྱལ་དེ་ཚོ་ཐམས་ཅད་སྤངས་པ་ལ་བརྟེན་ནས་སངས་རྒྱས་ཐུབ་པ་རེད།

དེ་ལ་བརྟེན་ནས་ང་རང་ཚོའང་སྡུག་བསྔལ་ལས་ཐར། བདེ་བ་བླ་ན་མེད་པ་ཐོབ། འཚང་རྒྱ་དགོས་ན་ཐབས་གཅིག་མ་གཏོགས་མེད། ཐབས་དེ་མ་རིག་པ་སྤང་རྒྱུ་དེ་རེད། འོ་ན་མ་རིག་པ་


དེ་གང་འདྲ་བྱས་ནས་སྤང་དགོས་རེད་དམ། ཕུ་བརྒྱབ་ནས་མ་རིག་སྤང་ཐུབ་བམ་ཟེར་ན་མི་ཐུབ། སྔགས་བསགས་ནས་མ་རིག་པ་སྤང་ཐུབ་བམ་ཟེར་ན་མི་ཐུབ། བྱ་བ་ཧུར་ཐག་བྱས་པས་མ་
རིག་པ་སྤང་ཐུབ་བམ་ཟེར་ན་དེས་ཀྱང་སྤང་མི་ཐུབ། དེར་བརྟེན་མ་རིག་པ་སྤང་བའི་ཐབས་གཅིག་རང་ཡོད་པ་ནི་རང་རྒྱུད་ལ་ཡང་དག་པའི་ཤེས་རབ་བསྐྱེད་རྒྱུ་དེ་རེད།

འོ་ན་ཤེས་རབ་ཟེར་བ་དེ་གང་རེད་ཟེར་ན། འདི་སྡིག་པ་རེད་ཟེར་ནས་སྡིག་པ་ལ་སྡིག་པ་ཡིན་པར་ཤེས། སྡིག་པ་དེ་སྤང་དགོས་པར་ཤེས་ནས་དེ་སྤང་བ་ལ་སྤྲོ་བ་དང་། འདི་དགེ་བ་རེད་


ཟེར་ནས་དགེ་བ་ལ་དགེ་བ་ཡིན་པར་ཤེས། དགེ་བ་དེ་སྒྲུབ་དགོས་པར་ཤེས་ནས་དེ་སྒྲུབ་པ་ལ་སྤྲོ་བ། དེ་འདྲའི་སྤྲོ་བ་ལ་ཤེས་རབ་ཟེར་བ་རེད། གང་ལྟར་སྡིག་པ་དང་དགེ་བའི་མཚན་ཉིད་
ཤེས། སྡིག་པ་སྤངས་མ་ཐུབ་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་མི་ཐུབ་པས་སྡིག་པ་སྤང་དགོས་པར་ཤེས། དགེ་བ་བསྒྲུབ་མ་ཐུབ་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་མི་ཐུབ་པས་དགེ་བ་
བསྒྲུབ་དགོས་པར་ཤེས།

རྒྱུ་མཚན་དེ་ལ་བརྟེན་ནས་དགེ་སྡིག་ཐམས་ཅད་རང་གི་སེམས་ལས་འབྱུང་བར་ཤེས། དེ་ལ་བརྟེན་ནས་རང་གི་སེམས་འདི་བསྲུང་དགོས་པ། སེམས་འདི་བཅོས་དགོས་པ། སེམས་ཀྱི་བདག་


འཛིན་སྤང་དགོས་པ། སེམས་ཀྱི་བཀྲ་མི་ཤིས་པའི་རྣམ་རྟོག་སྤང་དགོས་པར་ཤེས། དེའི་ཆེད་དུ་ཐོས་པ་དང་། བསམ་པ་དང་། སྒོམ་པ་སྟེ་གཙོ་བོ་སྒོམ་བརྒྱབ་རྒྱུ་དེ་རེད། སྒོམ་བརྒྱབ་པ་ལ་
བརྟེན་ནས་རང་གི་སེམས་ཀྱི་གནས་ལུགས་གང་ཡིན་པ་དེ་མཐོང་ཐུབ། ཤེས་ཐུབ། རྙེད་ཐུབ་པ་རེད། མར་མེའི་དོན་དག་ངོ་མའང་དེ་ཡིན།

དཔེར་ན་མུན་ནག་གི་ཁང་པའི་ནང་དུ་རང་གི་ཅ་དངོས་གང་ཡང་མཐོང་མི་ཐུབ་ཅིང་། གལ་སྲིད་མར་མེའམ་གློག་ལྟ་བུ་ཞིག་སྤར་ན་ཅ་དངོས་ཐམས་ཅད་མ་ནོར་བ་མ་འཛོལ་བར་མཐོང་
ཐུབ་པ་ལྟར། རིག་པ་ཡེ་ཤེས་ཀྱི་མར་མེ་དེ་སྤར་བས་སེམས་ཅན་ཐམས་ཅད་ཀྱི་བློ་མ་རིག་པ་ལ་བརྟེན་པའི་བདེན་འཛིན་གྱི་བློ། བདག་འཛིན་གྱི་བློ། འདོད་ཆགས་དང་། ཞེ་སྡང་། ཁོང་ཁྲོ།
ང་རྒྱལ་སོགས་ཀྱི་རྣམ་རྟོག་ཐམས་ཅད་རང་སར་ཞི་ནས། རང་གི་སེམས་ཀྱི་གདོད་མའི་གནས་ལུགས་གང་འདྲ་ཡོད་པ་མཐོང་ཐུབ། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སངས་རྒྱས་
ཐུབ་པ་རེད། མར་མེ་འབུལ་དགོས་པའི་དོན་དག་ངོ་མའང་དེ་རེད།

གནད་འགག་དེ་ཤེས་ན་མར་མེ་རྐང་ཅིག་ལས་མ་ཕུལ་ནའང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་། གལ་ཏེ་གནད་འགག་དེ་མ་ཤེས་ན་སྤྱིར་མར་མེ་ཕུལ་བ་ཙམ་གྱི་ཕན་ཡོན་མེད་པ་
དང་མི་ཐོབ་མ་ཡིན་ནའང་། ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཐོབ་ཐུབ་ཀྱི་མ་རེད། དེ་ཐོབ་པ་ལ་མར་མེ་འབུལ་བའི་རྒྱུ་མཚན་ཤེས་དགོས། ནང་པ་སངས་རྒྱས་པའི་ཆོས་ཟེར་བ་དེ་རྒྱུ་མཚན་
ཤེས་པའི་ཐོག་ནས་བསྒྲུབ་དགོས། རྒྱུ་མཚན་མ་ཤེས་ན་རང་གི་ཕ་རྒན་དང་མ་རྒན་གྱིས་བྱེད་པ་ཙམ་རྒྱུ་མཚན་དུ་བྱས་ནས་དགེ་བ་སྒྲུབ་སྡིག་པ་སྤོང་བས་ཕན་ཡོན་ཧ་ལས་པ་ཐོབ་མི་ཐུབ།

དེ་ལ་བརྟེན་ནས་མར་མེ་ཟེར་བ་དེ་འོད་ཀྱི་རང་བཞིན་རེད། འོད་དེས་རང་གི་སེམས་ཀྱི་གནས་ལུགས་སམ་ཤེས་རབ་མཚོན་གྱི་ཡོད་པ་རེད། ཤེས་རབ་བམ་རིག་པ་ཡེ་ཤེས་ཀྱི་འོད་དེ་སྤར་


ཐུབ་ན་ནང་གི་གཏི་མུག །མ་རིག་པ། རྨོངས་པ་དེ་ཚོ་སེལ་ཐུབ། དེ་བསལ་བ་ལ་བརྟེན་ནས་སངས་རྒྱས་པའམ་ཡང་དག་པ་མཐོང་བ་ཞེས་པ་ཡོང་ཐུབ་ཀྱི་རེད། དགེ་བ་དེ་སེམས་ཅན་
ཐམས་ཅད་ལ་ཐོབ་པར་ཤོག་ཅེས་སྨོན་ལམ་བཏབ་ནས་མར་མེ་སྟོང་ཕྲག་ཁྲི་ཕྲག་མང་པོ་ཇི་ཙམ་འབུལ་བ་དེའི་གྲངས་དང་མཉམ་པའི་ཕན་ཡོན་ཐོབ་ཐུབ་པ་རེད། གོང་གི་རྒྱུ་མཚན་དེ་མ་
ཤེས་ན་སྤྱིར་མར་མེ་ཕུལ་བ་ཙམ་མ་གཏོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཐོབ་ཟེར་བ་ཁག་པོ་རེད། དེ་ཚོ་ལ་ཐུགས་སྣང་གནང་དགོས།

མར་མེ་འབུལ་བའི་སྐབས་སུ་གང་འདོན་དགོས་སྙམ་མཁན་ཡོད་ན། ཞི་ཁྲོ་དང་འོད་ཆོག་སོགས་ཀྱི་སྐབས་སུ་ཡོད་པ་མར་མེ་འབུལ་བཞིན་པའི་ཁ་ཐུག་ལ་ཚར་རེ་འདོན་ན་འགྲིག་གི་རེད།
འོ་ལགས་སོ། །
──སྤྱི་ལོ་༢༠༢༡ ཟླ་༨ ༧སྐྱབས་རྗེ་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་སྤ་གྲོ་སྟག་ཚང་གི་འདབས་ཞོལ་གླིང་ག་ཞིག་ཏུ་བཞུགས་སྐབས་འབྲུག་མི་དད་ལྡན་ཞིག་ནས་བཀའ་འདྲི་ཞུས་
པའི་བཀའ་ལན་དུ་གསུངས་པ། ཕྲན་ཤེས་རབ་བསྟན་འཛིན་གྱིས་འབྲུག་སྐད་ལས་བོད་སྐད་དུ་ཞལ་སྒྱུར་བགྱིས་པའོ། །

Benefits of Light Offering

The light offering has immense benefits. In Vajrayana, there are [offerings like] ARGHAM,
PADYAM, PUSHPE, DHUPE, ALOKE, GANDHE, NAIVIDYA, SHAPTA, and ALOKE refers to the light
offering. Therefore, one must know the significance of the light offerings. Many people assume
the light offering to be simply lighting some lamps and offering them to Buddha, Dharma, and
Sangha. However, that is not the end.

So, what is the meaning of light offering? The question is, how Buddhas in the past achieved
enlightenment? How come beings like us are not enlightened but still wander in this never-
ending cyclic existence? What is the story behind it? Deep within each of us, there is
something called ‘ignorance’ which literally means ‘not knowing’. What is ‘not known’? That is,
not knowing the real meaning. And the real meaning refers to ‘realization of his or her own
true nature of mind’. However, we have not yet realized it.

So, what hinders us from realizing it? Due to our habitual tendencies, thoughts, and emotions
like desire, anger, jealousy, arrogance default to a habitual response. We cannot realize our
true nature of mind because of these destructive thoughts and emotions while Buddhas of the
past achieved enlightenment by abandoning anger, hatred, and arrogance.

Similarly, there is no other way to liberate ourselves from suffering, to attain lasting happiness,
and to be enlightened apart from getting rid of ignorance. How should we get rid of ignorance?
Can we get rid of ignorance by blowing air? Can we get rid of ignorance by chanting mantras?
Can we get rid of ignorance by working hard? The answer is no. There is only one way to get
rid of ignorance and that is to cultivate wisdom.

So, what is wisdom? To be aware of non-virtues as non-virtues, to

recognize the need to abandon non-virtues and being enthusiastic to abandon non-virtues.
Similarly, to be aware of virtues as virtues, to recognize the need to cultivate virtues, and to be
enthusiastic to cultivate virtues. This sense of enthusiasm is wisdom. In fact, wisdom is being
aware of the characteristics of virtues and non-virtues. Also recognizing that there is no way to
achieve enlightenment without abandoning non-virtues and cultivating virtues.

The point is to know that both virtues and non-virtues arise from our own minds. That our
mind must be properly guarded and mended. That mind’s negative emotions like clinging to
personal self must be abandoned. To that end, one engages in study, contemplation, and
meditation and meditation is the most important one. It is through meditation that one
ultimately sees, realizes, or discovers our true nature of mind. That is the purpose of light
offering.

For example, we cannot see anything in a dark room. However, by switching on the light,
everything can be seen clearly without any confusion. Similarly, by offering the light of
wisdom, sentient beings can pacify the clinging to true existence, grasping at personal self and
emotions like attachment, anger, hatred, arrogance, and so forth. As a result, beings will
realize the primordial true nature of the mind. Ultimately, beings will become enlightened.
This is the purpose of light offering.

Know this crucial point and we reap an inconceivable benefit even from a single light offering.
Miss this crucial point and we will not reap that much benefit, although merely offering a light
certainly brings some benefit. However, we must recognize the purpose of light offering in
order to achieve its maximum benefits. Buddhism in general must be approached by
understanding the reason. If we are unaware of the actual reason and just follow because our
parents have been doing it, we will not achieve the desired benefits.

The light offering is the nature of light or radiance. Light symbolizes our true nature of mind or
wisdom. By igniting the light of wisdom or pure awareness-wisdom, we overcome delusion,
stupidity, or confusion. Thereby we achieve enlightenment or see the truth.

When we offer light with pure intention and aspiration to benefit all sentient beings, we reap
benefits equal to the number of light we offer, which could be tens of thousands. However, if
we miss the crucial point and just do it for the sake of doing it, it is impossible to receive the
inconceivable benefits. Hence, consider this carefully!

For those of you who wonder what should be recited during the light offering, certain
recitations can be found in Shitro and Amitabha liturgies, which you can recite at least once
during the light offering. Okay, that is it!

──This was spoken by His Eminence Sangyes Nyenpa Rinpoche in response to a Bhutanese
devotee while residing at a park at the base of Taktsang Monastery in August 2021.

Translated by Khenpo Sherab Tenzin, Benchen Monastery

You might also like